日食+夏至+釋迦牟尼佛吉日+父親節 ཉི་འཛིན། ཉི་ལྡོག སྟོན་པ་དང་ཕ་ཡབ་ཀྱི་དུས་ཆེན།

 

དེ་རིང་ནི་བོད་ཟླ་བཞི་པའི་ཚེས་སུམ་ཅུ་སྟེ་དགེ་སྡིག་གང་བསྒྲུབ་ཀྱང་དུང་ཕྱུར་དགུར་འགྱུར་བའི་དཔལ་རྒྱལ་བ་རྣམ་འདྲེན་བཞི་པ་ཤཱཀྱ་ཐུབ་པའི་དུས་ཆེན་ཡིན་པས་འབུམ་འགྱུར་ཟླ་བ་འདིིའི་ནང་གི་དགེ་བ་ལ་མཇུག་སྡོམ་བྱེད་དེ་མ་གྱུར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བ་དང་། ཟླ་བ་འདིའི་ནང་གི་སྡིག་པ་ལ་མཇུག་སྡོམ་བྱེདནས་སྔར་གང་བྱས་ལ་འགྱོད་བཤགས་དང་ཕྱིན་ཆད་ཅི་ནུས་ནས་མི་བྱེད་པར་དམ་བཅའ་དགོས་སོ།།

 

今天是藏歷四月三十號 (6月21日),是南無本師釋迦牟尼佛的殊勝吉日,無論行善與惡都會增長九億倍。變動百萬倍薩嘎達瓦里所做的一切善根回向普渡眾生,結算自己在這一個月內做的惡業,去一心懺悔,並承諾盡量再不作惡。

法王念誦的釋迦牟尼佛聖號

來自益西智麥

 

སངས་རྒྱས་ཀྱི་མཚན་སྔགས་ནི། བླ་མ་སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ།། མཆོད་དོ།། སྐྱབས་སུ་མཆིའོ།།

聖號:喇嘛敦巴 洞丹迪 得銀夏巴 扎洞巴 揚達巴 作波桑吉 華嘉瓦 夏迦特巴拉 香擦洛 竅多 嘉森且奧!含義:頂禮供養皈依本師出有壞如來應供真實圓滿正等覺釋釋迦牟尼!དེ་རིང་ལ་དབྱར་ཉི་ལྡོག་དང་ཉི་མ་ཧྲིལ་དུ་འཛིན་པས་དགེ་སྡུག་གང་བསྒྲུབ་ན་དུང་དུ་འགྱུར། དེ་ཙམ་མ་ཟད་དུ་ཉིན་ཟླ་འཛིན་སོགས་ཀྱི་སྐབས་སུ་ཀུན་བཟང་སྨོན་ལམ་བཏོན་ན། དེ་ཉིད་ལས། སྨོན་ལམ་སྟོབས་ཆེན་འདི་བཏབ་པས༔ འདི་ཐོས་སེམས་ཅན་ཐམས་ཅད་ཀུན༔ སྐྱེ་བ་གསུམ་དུ་མངོན་འཚང་རྒྱ༔ ཞེས་གསུངས་པས། འོག་གི་དེ་རིང་གི་ཆོས་སྐལ་དེ་ངེས་པར་ཚར་རེ་གསུང་རོགས།

 

今天也是夏至,還有全日食無論行善與惡都會增長一億倍。若能在月食和日食時念誦《普賢王如來原文》就有不可思議的功德。原文中也說:發起如是廣大願,聞此原文諸有情,於三世之內即成佛。所以請無論如何都要念一遍下面的如來原文。

 

དེ་རིང་ཡང་འཛམ་གླིང་ཕ་ཡབ་དུས་ཆེན་ཏེ། གལ་ཏེ་ཁྱོད་ཀྱི་ཕ་ཡབ་བཞུགས་ཡོད་ན་ཕ་རྒན་ཚེ་འདིར་ཚེ་རིང་ནད་མེད་ཡོང་ཕྱིར་དགེ་སྒྲུབ་སྡུག་སྤོང་དང་། ཚེ་ནི་མི་རྟག་པ་ཡིན་པས་ཅི་ནས་ཕ་རྒན་ལགས་ལ་སྲི་ཞུ་དང་ཁ་ཉན་ཚིག་བརྩི་ཡིས་དྲིན་ལན་གསབ་རོགས།

 

今天也是父親節,如果你的父親還在,請為了他的長命百歲,身心健康而多行善除惡,無常隨時可能會來臨,請好好侍奉並報恩父親,多陪多聽他的話。

 

གལ་ཏེ་ཁྱོད་ཀྱི་ཕ་ཡབ་བཞུགས་མེད་ན། དེའི་དགེ་རྩ་ལ་མ་མཐའ་དེ་རིང་ཙམ་ལ་རྣམ་དཀར་དགེ་བའི་ལས་ལ་ཞུགས་པ་དང་། ཕ་ཡབ་མྱུར་དུ་བདེ་ལྡན་ཞིང་དུ་སྐྱེ་ཕྱིར་སོགས་ཀྱིས་བསྔོ་སྨོན་བྱས་པ་གལ་ཆེའོ།།

 

如果你的父親已遠去,請為了他的善根至少這一天里多行善,也為了讓父親速速往生淨土而回向並祈禱,非常重要。

 

 

 1,404 total views,  1 views today

 

Others Post...